༡སྟེང་ཕྱོགས་ལྷ་ལས་བབས་པའི།།
清清的嘎曲河
རྐ་ཆུ་དལ་འགྲོ་རིང་མོ།།
你从天上缓缓而来
མཛེས་པའི་སྤང་གཞུང་བརྒྱུད་ནས།།
沿着美丽的草地
ཞི་བདེ་རྒྱ་མཚོར་ཆས་སོང་།།
向着太平洋奔流不息
རྐ་ཆུའི་ཁུག་སོ་རེ་ལ།།
嘎曲的每一道河湾
འབྲོག་ཁྱིམ་བརྒྱ་རེ་སྟོང་རེ།།
居住牧户千万家
སྐྱིད་པའི་འབྲོག་ཁྱིམ་རེ་ལ།།
每一个幸福的牧户
གཡང་ཕྱུགས་ནོར་གནག་སྟོང་རེ།།
牧放牦牛千万头
ཨེ་མ་་་་་་འབྱོར་ཕྱུག་དཔལ་གྱི་ཕོ་ཉ།།
哎嚯嗨 你是财神的使者
རྐ་ཡུལ་གཡང་གི་ནོར་གནག།
嘎域富饶的珍宝
བདེ་སྐྱིད་འཚོ་བའི་གཞི་མ་རེད།།
幸福生活的源泉
རྐ་ཡུལ་གཡང་གི་ནོར་གནག།
嘎域富饶的珍宝
གངས་ཀྱི་གཏམ་རྒྱུད་རིང་མོ།།
雪山长长的传说
རྒྱབ་དུ་ཁུར་ནས་ཡོང་ཞིང་།།
你背负一泻千里
རེ་བའི་གོམ་སྟབས་བརྟན་པོ།།
迈着希冀的步伐
རྒྱབ་དུ་ཁུར་ནས་ཆས་འགྲོ།
执著向前奔流
རྭ་རྩེ་མཁའ་ལ་ངོམས་ནས།།
你头角欲触篮天时
རྐ་ཡུལ་ཕྱུགས་མོ་འགྲིམ་ཉིན།།
你悠荡千里草原时
སྦྲ་ནག་གྲུ་བཞིའི་ལས་དབང་།།
四方黑帐篷的命运
ཁྱེད་ཀྱིས་སྤོབས་པའི་ཁུར་ཡོད།།
你扛起勇敢前行
ཨེ་མ་་་་་་འབྱོར་ཕྱུག་དཔལ་གྱི་ཕོ་ཉ།།
哎嚯嗨 你是财神的使者
རྐ་ཡུལ་གཡང་གི་ནོར་གནག།
嘎域富饶的珍宝
བདེ་སྐྱིད་འཚོ་བའི་གཞི་མ་རེད།།
幸福生活的源泉
རྐ་ཡུལ་གཡང་གི་ནོར་གནག།
嘎域富饶的珍宝。
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室