编曲 : 扎西才旦
录音:扎西才旦
合成:小巩
ཞོགས་པའི་སྐྱ་རེངས་སྐྱ་མདའ་མ་གསལ་གོང་ལ།
དམན་ཆུང་བུ་མོས་ཆུ་ཕུད་བཞེས་ནས་ཕེབས་བྱུང་།
མཆོད་གསུམ་མཆོད་པ་ས་དང་གནམ་ལ་ཕུལ་ཡོད།
འཇིག་རྟེན་ཨ་མའི་བཀའ་དྲིན་བསམ་ནས་ཕུལ་ལོ།
ཉི་ཤར་རྩེ་མོ་རྟེན་འབྲེལ་བཟང་བའི་ཐོག་མ།
ཞོ་འོ་མར་ཐུད་ཟས་ཀྱི་མཆོད་པ་བཤམས་ཡོད།
སྔོན་མོ་ནས་བཅུད་བདུད་རྩི་ནས་ཆང་གསོལ་ལོ།
ཕ་མ་བུ་འཛོམས་སྐྱིད་པའི་འཛུམས་མདངས་ཕྱུང་འདུག
ཁ་རྗེ་དབང་ཐང་ཁ་བ་འབབ་འབབ་རེད་འདུག
ཚེ་བསོད་དབང་ཐང་ཉི་ཟླ་ཤར་ཤར་རེད་འདུག
ཁ་བའི་ཡུལ་ལ་གནམ་ལོ་གསར་ཚེས་ཤར་སོང་།
ལོ་གསར་དགའ་སྟོན་སྐྱིད་པའི་དཔལ་ལ་རོལ་འགྲོ།
ལོ་གསར་དགའ་སྟོན་སྐྱིད་པའི་དཔལ་ལ་རོལ་འགྲོ།
བཀྲ་ཤིས་མཇལ་དར་དཀར་པོའི་བཤད་པ་ཕུལ།
བཀྲ་ཤིས་གངས་ཅན་ཡུལ་གྲུ་སྐྱིད་ཡང་སྐྱིད།
བཀྲ་ཤིས་ཡུལ་མི་ཚེ་བསོད་དབང་ཐང་དར།
བཀྲ་ཤིས་ཁ་གཡང་སྨོན་ཚིག་ཁྱེད་ལ་ཕུལ།
ཞོགས་པའི་སྐྱ་རེངས་སྐྱ་མདའ་མ་གསལ་གོང་ལ།
དམན་ཆུང་བུ་མོས་ཆུ་ཕུད་བཞེས་ནས་ཕེབས་བྱུང་།
མཆོད་གསུམ་མཆོད་པ་གནམ་དང་ས་ལ་ཕུལ་ཡོད།
འཇིག་རྟེན་ཨ་མའི་བཀའ་དྲིན་གསོལ་ནས་ཕུལ་ལོ།
ཉི་ཤར་རྩེ་མོ་རྟེན་འབྲེལ་བཟང་བའི་ཐོག་མ།
ཞོ་འོ་མར་ཐུད་ཟས་ཀྱི་མཆོད་པ་བཤམས་ཡོད།
སྔོན་མོ་ནས་བཅུད་བདུད་རྩི་ནས་ཆང་གསོལ་ལོ།
ཕ་མ་བུ་འཛོམས་སྐྱིད་པའི་འཛུམས་མདངས་ཕྱུང་འདུག
ཁ་རྗེ་དབང་ཐང་ཁ་བ་འབབ་འབབ་རེད་འདུག
ཚེ་བསོད་དབང་ཐང་ཉི་ཟླ་ཤར་ཤར་རེད་འདུག
ཁ་བའི་ཡུལ་ལ་གནམ་ལོ་གསར་ཚེས་ཤར་སོང་།
ལོ་གསར་དགའ་སྟོན་སྐྱིད་པའི་དཔལ་ལ་རོལ་འགྲོ།
ལོ་གསར་དགའ་སྟོན་སྐྱིད་པའི་དཔལ་ལ་རོལ་འགྲོ།
རྟེན་འབྲེལ་ཚང་མ་ཁྱིམ་གྱི་གཡང་དུ་སླེབས་བྱུང་།
རྒས་པ་ཚེ་རིང་ནད་མེད་ལོ་བརྒྱ་ཐོབ་ཤོག
གཞོན་པ་བློ་གསལ་ནད་མེད་དགའ་སྐྱིད་འཛོམས་ཤོག
གནམ་ལོ་གསར་པ་ཁ་གཡང་སྨོན་ཚིག་རྒྱན་སོང་།
གནམ་ལོ་གསར་པ་ཁ་གཡང་སྨོན་ཚིག་རྒྱན་སོང་།