འདས་ཟིན་པའི་ལོ་ཟླ་དེ་ལ་ཕྱིར་དྲན་ཐེངས་རེ་བྱེད་དུས།
每当回顾过去的岁月
ངས་ལང་ཚོ་ཡི་བྲེལ་འཚུབ་ཁྱེར་ནས་དཔྱིད་རླུང་ལ་འཕྲིན་པ་ཞིག་བསྐུར་འདོད།
我多想带着青春的焦虑,托春风捎去一封信
ཆུང་བྱིས་པ་ཡི་དུས་ཀྱི་དགོད་སྒྲ་དྭངས་མ་དེ་ཡིད་ལ་དྲན་དུས།
想起儿时那清脆无邪的笑声时
ངས་ད་ལྟའི་ཁེར་རྐྱང་གི་རྒྱབ་གཟུགས་འདི་ལ་འགྲམ་ལྕག་ཞིག་བྱེད་འདོད།
我多想给如今孤独的背影扇一巴掌
ངའི་ཕུགས་བསམ།ངའི་མི་ཚེའི་སྐར་འོད་འདི་ཡི་ཁ་ཕྱོགས་བཙལ་དུས།
我的理想啊,寻觅我那人生的光明方向时
ངའི་ཕ་མས་ང་ལ་བཤད་པའི་དམ་ཚིག་དེ་ཡང་ཡང་དུ་དྲན་བྱུང་།
父母的诺言在心中久久徘徊
ངས་ཕུགས་བསམ་འཚོལ་བའི་ལམ་ཁ་འདི་ནས་ཡོད་ཚད་གླུ་རུ་ལེན་ཞོར།
在追寻理想的路途中,把一切唱成高歌时
ང་མུ་མཐུད་དུ་ཆས་དགོས།མུ་མཐུད་དུ་འགྲོ་དགོས།མུ་མཐུད་དུ་གོམ་ཁ་ཡངས་དགོས།
我不能停下脚步,要继续前往,继续健步如飞
ང་འདི་ལྟར་ཆས་དགོས།ང་འདི་ལྟར་འགྲོ་དགོས།
我要这样启程,我要这样前往
ངས་ལང་ཚོའི་མཛེས་ཆ་དེ་ཁྱེར་ནས་རྒྱང་རིང་ལམ་ལ་ཆས་འགྲོ།
我要带着青春的美好前往远方
ང་འདི་ལྟར་ཆས་དགོས།ང་འདི་ལྟར་འགྲོ་དགོས།
我要这样启程,我要这样前往
ངས་འཚོ་བའི་ཕུགས་བསམ་དེ་ཁྱེར་ནས་མི་ཚེའི་གདངས་དབྱངས་དཀྲོལ་དགོས།
我要带着生活的理想弹奏人生的曲调
སྟག་ཤ་རའི་གསར་ཚུགས་འཛོམས་པའི་ལམ་ཁ་འདི་ནས།
大丈夫志在四方
ངས་འཁོར་བའི་ལྷིང་འཇགས་ཁྱེར་ནས་སྐར་ཚོགས་ལ་དབྱངས་ཞིག་བསྐུར་འདོད།
我要带着尘世的寂静给群星捎去妙音
གནའ་དེང་མའི་དུས་ཀྱི་བརྩེ་མདངས་དེ་ཡིད་ལ་ཡང་ཡང་དྲན་དུས།
往日的情意在心头久久徘徊
ངས་ད་ལྟའི་ཧབ་སེམས་ཀྱི་རྙོག་འཛིང་འདི་ལ་མིག་ཆུ་ཞིག་སྤྲོད་འདོད།
我想为如今的贪欲掉下一滴泪水
ངའི་འཚོ་བ།ངའི་མི་ཚེའི་དོ་ཟླའི་གསེང་ནས་གོམ་ཁ་དེ་ནོར་དུས།
我的生活啊,在人生的沧桑中迷失脚步时
ངའི་བྱམས་པས་ང་ལ་སྤྲོད་པའི་སེམས་གཏམ་དེ་ཡང་དང་ཡང་དུ་དྲན་བྱུང་།
爱人向我倾诉的话语在心头久久徘徊
ངས་རང་གི་མི་ཚེའི་ཕྱི་ནང་བར་གྱི་ཡོད་ཚད་བྲོ་རུ་འཁྲབ་ཞོར།
我想把人生的一切跳成舞蹈
ང་མུ་མཐུད་དུ་ཆས་དགོས།མུ་མཐུད་དུ་འགྲོ་དགོས།མུ་མཐུད་དུ་གོམ་ཁ་ཡངས་དགོས།
我不能停下脚步,要继续前往,继续健步如飞
ང་མུ་མཐུད་དུ་ཆས་དགོས།མུ་མཐུད་དུ་འགྲོ་དགོས།མུ་མཐུད་དུ་གོམ་ཁ་ཡངས་དགོས།
我不能停下脚步,要继续前往,继续健步如飞
ང་འདི་ལྟར་ཆས་དགོས།ང་འདི་ལྟར་འགྲོ་དགོས།
我要这样启程,我要这样前往
ངས་ལང་ཚོའི་མཛེས་ཆ་དེ་ཁྱེར་ནས་རྒྱང་རིང་ལམ་ལ་ཆས་འགྲོ།
我要带着青春的美好前往远方
ང་འདི་ལྟར་ཆས་དགོས།ང་འདི་ལྟར་འགྲོ་དགོས།
我要这样启程,我要这样前往
ངས་འཚོ་བའི་ཕུགས་བསམ་དེ་ཁྱེར་ནས་མི་ཚེའི་གདངས་དབྱངས་དཀྲོལ་དགོས།