༡སྐུ་མི་འགྱུར་ནམ་མཁའི་མདངས་དང་འདྲེས།།
གསུང་མི་འགག་ནད་རིགས་བཞི་བརྒྱ་འཛོམས།།
ཐུགས་མི་གཡེལ་འགྲོ་བའི་ བདེ་སྡུག་གཟིགས།།
ལྷ་སྨན་པའི་རྒྱལ་པོ་གླུ་ཡིས་བསྟོད།།
བོད་གངས་ཅན་གངས་རིའི་ལྗོངས་ནས་འཁྲུངས།།
ཆོས་རིག་གནས་གོམས་སྲོལ་འདྲ་མིན་ཡོད།།
སྔོན་ཡབ་མེས་དམ་པ་མཁྱེན་རྒྱ་ཡངས།།
དཔལ་གསོ་རིག་གཞུང་ལུགས་ ཁྱད་དུ་འཕགས།།
༢སྨན་རྒྱུད་བཞིའི་ཚིག་དོན་ལག་ཏུ་བླངས།།
བོད་རང་གི་ཉམས་མྱོང་གཞི་ལ་བཞག།
རྒྱ་གར་ནག་ཐབས་རྩལ་སྙིང་པོ་བསྡུས།།
དུག་སྨན་དུ་བསྒྱུར་བའི་མན་ངག་ཡོད།།
རྗེ་གཡུ་ཐོག་བྱམས་ བརྩེའི་ཉི་འོད་ཀྱིས།།
འབངས་ཉམ་ཐག་བྱེ་བའི་ཚེ་སྲོག་བསྐྱབས།།
ལུགས་བྱང་ཟུར་ཆུ་བོའི་རྒྱུན་བཟང་གིས།།
ས་གླིང་ཆེན་བདུན་གྱི་ཕྱི་ནང་བསྐོར།།
༣མིའི་ལུས་ནད་གཉིས་ཀ་འབྱུང་བཞིས་བསྐྱེད།།
དེ་འཇོམས་པའི ་སྨན་ཡང་འབྱུང་བཞི་ཡིན།།
བྱམས་སྙིང་རྗེས་ཟིན་པའི་ལྷ་རྗེ་ཚོའི།།
སེམས་བསམ་པ་གཞན་དོན་གཙང་མ་ཡིན །
ལྷ་གཡུ་ཐོག་སྙིང་སྟོབས་འཛིན་པའི་སྡེས།།
མ་འགྲོ་བའི་ལུས་སེམས་སྡུག་བསྔལ་བསལ།།
གོས་དཀར་པོ་ ཅན་རྣམས་ངོ་སོ་བསྟོད།།
བོད་གསོ་རིག་བསྟན་པ་རྒྱས་པར་ཤོག
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་ སྒྲུབ་ཁང་།
歌詞大意:
(1) 身不變與天空一體,語無礙清除四百疴,意不離眾生之苦樂為神聖醫王唱頌歌,雪域生長的人們,文化燦爛如繁星,先祖博學留後人,尤以藏醫學術最傑出。
(2)編著四部聖醫典,依從祖輩的經驗, 吸納印漢的秘訣,提煉化毒為藥術。玉托醫神慈悲的陽光, 拯救世間無窮眾患者。 北派良醫之精華,播灑七大洲內外。
(3)人疾皆由四因生,養生除病亦賴四元素。 胸懷仁慈的眾神醫,孜孜以求利他人。 承祖玉托醫德之眾弟,解有情眾生身心苦。 仰慕你啊--雪域天使,願藏醫智慧楊天下。