ངའི་ཕ་ཡུལ་སོག་ཤོད་ལུང་པ་རེད།།
ངའི་རྒྱབ་རི་གཡག་ལ་སེ་བོ་རེད།།
ངའི་བླ་མ་ངག་དབང་ འཇིགས་གྲོལ་མཆོག
ཁྱེད་མྱུར་དུ་འཁྲུངས་བའི་སྨོན་ལམ་འདེབས།།
ངའི་བླ་མ་ངག་དབང་འཇིགས་གྲོལ་མཆོག
ཁྱེད་མྱུར་ དུ་འཁྲུངས་བའི་སྨོན་ལམ་འདེབས།།
ངའི་ཕ་ཡུལ་སོག་ཤོད་ལུང་པ།།
ངའི་རྒྱབ་རི་གཡག་ལ་སེ་བོ།།
ངའི་བླ་མ་ངག་དབང་འཇིགས་གྲོལ།།
ཁྱེད་མྱུར་དུ་འཁྲུངས་བའི་སྨོན་ལམ་ཞིག་འདེབས།།
ཡུལ་སོག་ཤོད་ས་ ཡི་དཀྱིལ་འཁོར་ལ།།
སྟོད་རི་ཆེན་གཡག་ལ་སེ་བོ་ཡོད།།
བར་དགོན་ཆེན་ཙན་དན་དགོན་པ་ཡོད།།
སྨད་ཆུ་ཆེན་སོག་ཆུ་སྔོན་མོ་ཡོད།།
བར་དགོན་ཆེན་ཙན་དན་དགོན་པ་ཡོད།།
སྨད་ཆུ་ཆེན་སོག་ ཆུ་སྔོན་མོ་ཡོད།།
ཡུལ་སོག་ཤོད་ས་ཡི་དཀྱིལ་འཁོར།།
སྟོད་རི་ཆེན་གཡག་ལ་སེ་བོ།།
བར་ དགོན་ཆེན་ཙན་དན་དགོན་པ།།
སྨད་ཆུ་ཆེན་སོག་ཆུ་སྔོན་མོ་ཡོད་རེད།།
ངའི་ཕ་ཡུལ་སོག་ཤོད་སྨན་ ལྗོངས་སུ།།
བུ་ཚ་བོ་རྒྱ་སྟག་གཤིབས་འདྲ་ཡོད།།
དམན་བུ་མོ་སེར་ཆེན་བཞད་འདྲ་ཡོད།།
དེ་ ནམ་ཡང་འཛོམས་པའི་སྨོན་ལམ་འདེབས།།
དམན་བུ་མོ་སེར་ཆེན་བཞད་འདྲ་ཡོད།།
དེ་ནམ་ཡང་འཛོམས་པའི་སྨོན་ ལམ་འདེབས།།