ཁོའི་ལུས་པོའི་སྟེང་གི་རྨ་ཁ་དང་སེམས་ནང་གི་ན་ཟ།
སྲོག་ཆགས་དེ་ལུས་པོའི་སྒང་ལ་མེ་མདའི་རྡེའུ་གིས ་རྡོལ་པ།
ཡར་ལང་ནའང་ལང་ཡས་མེད་པ།
ཉལ་ནའང་ཉལ་ཡས་མེད་པ།
དུས་དེ་ལ་ཁ་ཁུ་ སིམ་པོ་བྱས་བསྡད་འཇམ་པོ།
མིག་མར་འཛུམས།ལུས་པོ་ལྷོད་ལྷོད་གཉིད་ཅིག་ཁུག་རྒྱུ།
ཕ་མ་གཉིས་ཀྱི་བྱམས་ པོ།
ད་ད་ཆ་འཇིག་རྟེན་འདིར་ཁོས་ཐོམ་བསྡད།
མ་འོངས་པའི་དུས་དེར་ལུས་པོའི་སྟེང་ལ་རྨ་ཁས་ཁེངས་ བསྡད།
ཁོར་རྒྱབ་ཉན་སུ་ཡོད་པ་རེད།
ད་དུང་ཁོ་ལ་གནོད་ཚེ་གཏང་མཁན་སུ་ཡོད་པས།
ཟུར་ནས ་འགྲོ་མཁན་གྱི་བལྟས་ནས་བཤད།
དེ་ནས་ལག་ཐོག་ཁ་པར་ཁྱེར་ནས་བལྟས་བསྡད།
པར་རྒྱབ་ནས་ཚག གང་འདྲ་ བྱས་ནས་རོགས་རམ་བྱེད་མཁན་གཅིག་ཀྱང་མེད།
ཁོ་བློ་ཡོད་ཚད་ཕངས་ནསགནམ་སྒང་ལ་བལྟས་བསྡད་བལྟས་བསྡད།
མིག་ སྒང་ལ་མིག་ཤག་ཅིག་ཀྱང་མེད། མིག་ཆུ་ཚང་མ་སེམས་ནང་ལ་གཏང་བསྡད།
པར་ནང་གི་མི་དེ་ཡང་ཡང་བསྐོར ་རྐྱང་བསྐོར་ཁ་ཤས་ཅིག་བལྟས་བསྡད།
ཕུགས་བསམ་དེ་དངུལ་རྒྱུ་ཡི་ལྐབ་ཤག་མ་བསམ།
འབྲས་བུ་དེ་དོན་དགོས ་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས་འཕྲས་པའི་དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང་མ།
དེ་ཚོ་ཚང་མ་ཕུགས་བསམ་གི་ཆེད་དུ་ཡིན།
ཕུགས་བསམ་དེ་དངུལ་རྒྱུ་ཡི་ལྐབ་ཤག་མ་བསམ།
འབྲས་བུ་ དེ་དོན་དགོས་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས་འཕྲད་པའི་དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང་ མ།དེ་ཚོ་ཚང་མ།
ཁྱོད་ཚོས་ཁོའི་མིག་དེ་མཐོད་ནས་སེམས་དེ་མཐོང་གི་མ་རེད།
མཇུག་གུ་དེར་གཅིག་ པོར་འགྲོ་དགོས་བྱུང་ནས་གང་ཡོད་མ་རེད།
བྱས་ཙང་ཁོས་ཁ་ཁར་བསྡད།
ཡར་ལང་ཕར་ཚུར་བལྟས།
ཡར ་ལང་གཉིད་ཁྱར་རེ་ཁྱོར་རེ་བྱས་ཕྱིན།
རི་སྒང་ནས་རི་གཤམ།
རི་གཤམ་ནས་རི་སྒང་།
མི་མང ་པོ་བསལ་གྱིན་བསལ་གྱིན་ཡང་བསྐོར་རྐྱང་བསྐོར་རལ་བསྡད།
དུས་ཚོད་དེ་རིང་པོ། མི་ཚེ་དེ་ཐུང་ཐུང་།
ཧ་ཐོར་ན་དྲུག་ཅུ་ཙ་གྲངས་གི་དུས་རིང་ཅིག་བསྡད་གྲབ་ཡོད་འགྲོ
དངོས་ཡོད་ཀྱི་སྤྱི་ཚོགས་སླེབས་དུས་རང་སོ་ སོའི་ལམ་ཁ་དེ་སླགས་བསྡད།
དགའ་པོ་ཡོད་ན་ཕར་ཕྱིན་དེ་རང་སོ་སོའི་སེམས་གི་ཕུགས་བསམ་རེད།
དགོས་འཁོ་ཡོད་ན་ཕར་སྦྱང་།
མཇུག་གུ་དེར་སོ་སོས་ཁྱེར་རྒྱུ་རེད།
དགོས་པ་མེད་ན་ལས་ བལྟ་ཙམ་བྱས།
གང་ལྟར་མཇུག་གུ་དེར་དགོས་པ་ཡོད་པའི་ཕུགསབསམ་དེར་ང་ཚོས་ལྷག་ཙམ་བྱས།
འགྲོ་གི་རེད། གང་འདྲ་བྱས་ནས་ཆགས་སྒོ་ཡོད་ཚད་དུས་ཚོད་དང་མཉམ་དུ་འགྲོ་གི་རེད།
འགྲོ་གི་ཡིན། གང་འདྲ་བྱས་ནས་ང ་ལམ་དེའི་སྒང་ལ་མུ་མཐུད་བྱས་འགྲོ་གི་ཡིན།
འགྲོ་གི་ཡིན། འགྲོ་གི་ཡིན།
ཕུགས་བསམ་དེ་དངུལ་རྒྱུ་ཡི ་ལྐབ་ཤག་མ་བསམ།
འབྲས་བུ་དེ་དོན་དགོས་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས་བྲིས་པའི་ དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང་མ།
དེ་ཚོ་ཚང་མ་ཕུགས་བསམ་གི་ཆེད་དུ་ཡིན།
ཕུགས་བསམ་དེ་ དངུལ་རྒྱུ་ཡི་ལྐབ་ཤག་མ་བསམ།
འབྲས་བུ་དེ་དོན་དགོས་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས ་འཕྲས་པའི་དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང་མ།དེ་ཚོ་ཚང་མ།
ངར་རྒྱབ་སྐྱོར་བྱེད་མཁན་གྱི་མི་དེ་ ཚོའི་ཆེད་དུ་ནུས་ཤུགས་དེ་མ་རྒྱབ་ན་ཁོ་ཚོ་ཚང་མ་སྙིང་རྗེ།
ངས་ལུས་པོའི་སྒང་གི་རྨ་ཁ་དེ་མར ་སྦས།
དངོས་ཡོད་ཀྱི་སྤྱི་ཚོགས་དེར་སླེབས་དུས་ཕུགས་བསམ་དེ་སླགས་མེད།
ད་ཤོག་དང་།དངོས་ཡོད་དེར་གནས་ ཚུལ་ཚང་མ་དུས་ཚོད་གི་ལན་གཅིག་རྒྱབ་གི་རེད་ཉན་གི་རེད།
ཁས་བཤད་ནས་བསྡས་མེད།
ངའི་གཞད་ཉན་ ནས་བསྡད་མཁན་གྱི་རིགས་པ་དེ་ཚོར་ཨཱ།
ངས་ལས་བཟོ་དེ་མུ་མཐུད་ནས་ཡག་པོ་རྒྱབ་གི་རེད།
ཁོ་ ཚ་གིས་ཉན་གི་རེད།
བྱས་ཙང་ག་རེ་བྱས་དགོས་ཡོད་ནའང་འདྲ་མེད་ནའང་འདྲ་བྱེད་གི་རེད།
དགའ་པོ་ ཡོད་ནའང་འདྲ་མེད་ནའང་འདྲ་རྣམ་འགྱུར་དེ་ད་ག་ཡིན།
མཐོང་གི་ཡོད་ནའང་འདྲ་མེད་ནའང་འདྲནུས་ཤུགས་དེ་རྒྱབ་གི ་ཡིན།
གསལ་པོ་ཡོད་ནའང་འདྲ་མེད་ནའང་འདྲ་ངའི་གཞས་ཚིག་དེ་ད་ག་ཡིན།
བྱས་ཙང་སྲོག་ཆགས་དེའི་ཁ ་ནས།
ཁོའི་ལུས་པོའི་སྟེང་གི་རྨ་ཁ་དང་སེམས་ནང་གི་ན་ཟ།
སྲོག་ཆགས་དེ་ལུས་པོའི་སྒང་ལ་མེ ་མདའི་རྡེའུ་གིས་རྡོལ་པ།
ཡར་ལང་ནའང་ལང་ཡས་མེད་པ། ཉལ་ནའང་ཉལ་ཡས་མེད་པ།
དུས་དེ་ལ་ཁ ་ཁུ་སིམ་པོ་བྱས་བསྡད་འཇམ་པོ།
ཕུགས་བསམ་དེ་དངུལ་རྒྱུ་ཡི་ལྐབ་ཤག་མ་བསམ།
འབྲས་བུ་དེ་དོན་དགོས་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས་བྲིས་པའི་དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང་མ།
དེ་ཚོ་ཚང་མ་ཕུགས་བསམ་གི་ཆེད་དུ་ཡིན།
ཕུགས་བསམ་དེ་དངུལ་རྒྱུ་ཡི་ལྐབ་ཤག་མ་བསམ།
འབྲས་བུ ་དེ་དོན་དགོས་བྱུང་ན་དཀའ་ལས་དེ་ཧ་ཅང་།
བྱས་ཙང་ངས་འཕྲས་པའི་དཀའ་ངལ་དང་མིག་ཆུ་དེ་ཚོ་ཚང ་མ།
དེ་ཚོ་ཚང་མ། ཕུགས་བསམ་གི་ཆེད་དུ་ཡིན