བདག་གཞི་མགྲོན་སྐྱིད་ཀྱི་གཡང་ལ་ཆགས།
ཚིག གངས་དཔལ།
དབྱངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ ་འགྲུབ་ཚེ་རིང་།
སྐྱིད་ཀྱི་གནམ་ལོ་གསར་ཚེས་ལ།
ཕ་ཨ་ཁུ་དཔོན་པོའི་སྐྱེས་རིམ་མཆོད།
ལོ་གཡང ་རུ་མ་ལྟེམས་སེ་ཡག
གཞོན་འདབ་ལག་རྒྱས་པའི་རྒྱན་དུ་ཆེ།
ཨ་འཛོམས་པ་ཤོག
ཨ་འཛོམས་པོ་ཤོག
སྐྱིད་ཉི་མ་འདྲ་ཞིག་འཆར་བར་ཤོག
གཡང་མཚོ་མོ་འདྲ་ཞིག་འཁྱིལ་བར་ཤོག
ཉིན་བཟང་སྐར་བཟང་ཚེས་བཟང་ ལ།
ཕོ་ཉེ་བོ་འཛོམས་པས་ལོ་ཆང་བཞེས།
གཡུ་འབྲུག་སྔོན་མོའི་ཟིལ་བ་ཡིན།
གཏམ་གཡང་དྲུང་འཁྲུངས་ན ་ཐུགས་སྣང་སྤྲོ།
ཨ་འཛོམས་པ་ཤོག
ཨ་འཛོམས་པོ་ཤོག
དབྱངས་བྱིན་རླབས་ཅན་གྱི་གླུ་ཞིག་ལེན།
བྱས ་སྒྲོ་གུར་ཕུབ་འདྲའི་བྲོ་ཞིག་འཁྲབ།
སྐྱིད་ཀྱི་ལྷ་ཁྱིམ་གུར་ཁྱིམ་ལ།
མ་སྲུ་མོའི་ཟས་ལྷ་རང་བྱོན་རེད །
ཁ་སེམས་ཇ་དང་འོ་མ་རེད།
བདག་གཞི་མགྲོན་སྐྱིད་ཀྱི་གཡང་ལ་ཆགས།
ཨ་འཛོམས་པ་ཤོག
ཨ་འཛོམས་པོ་ཤོག
ཟས་དཀར་གསུམ་མངར་གསུམ་དལ་འཐུང་བྱོས།
བཟའ་གོ་འདུས་བྱུང་བས་ཉམས་རེ་དགའ།
ཟས་ དཀར་གསུམ་མངར་གསུམ་དལ་འཐུང་བྱོས།
བཟའ་གོ་འདུས་བྱུང་བས་ཉམས་རེ་དགའ།