༺ མདང་གསུམ་རྨི་ལམ། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
མདང་དགོང་མཚན་མོའི་རྨི་ལམ་ལ།
ང་ཡི་ཆུང་འདྲིས་རྨིས་བྱུང་།
ཆར་པ་བབས་སོང་།
སེམས་ཡང་སྡུག་བྱུང་།
མིག་ཆུ་ས་སྟེང་དུ་ལྷུང་།
ཡིད་སྐྱོ་བའི་གླུ་གཞས་སུའི་ཆེད་དུ་བཏང་།
ང་ཡི་བརྩེསེམས་སུ་ལ་བཅངས།
ཁ་བྲལ་བའི་དུས་ལ་སེམས་དེ་ཡང་བརླག་སོང་།
སུས་ང་ལ་སེམས་གསོ་བྱེད།
ཉིན་མ་དེ་རིང་སླེབས་སོང་།
ཁྱེད་ལ་སེམས་གཏིང་གི་སེམས་གསོ་གཏོང་མཁན་སླེབས་བྱུང་།
བུ་ཆུང་ཁོང་གི་ཁྱེད་ལ་གསུངས་པར་སེམས་པ་མ་སྐྱོ།
སེམས་ཤུགས་མ་ཆགས།
རྟག་ཏུ་ཡིད་སྐྱོ་བའི་དུས་སུ་སེམས་གསོ་སླེབས།
རྟག་ཏུ་མ་ཤེས་པའི་སྐབས་སུ་ཁོང་ལ་དྲིས།
རྟག་ཏུ་འགོག་རྐྱེན་འཕྲད་པའི་སྐབས་སུ།
ཁོང་གི་རོགས་རམ་ཐོབ་པ་དེ་ཡིས་ཁྱེད་ལ།
སྔར་ལས་མེད་པའི་སྤྲོ་སྣང་ཞིག་གིས།
བྱ་བ་གང་འདྲ་ཡིན་ཡང་དེ་ལ།
འབད་བརྩོན་བྱེད་པའི་སེམས་ཤུགས་སླེབས་པ་དེ།
མི་ཚེ་འདི་ལ་ཇི་འདྲའི་བཟང་བའི་དུས་ཤིག་རེད་ལ།
ཇི་འདྲའི་བཟང་བའི་རོགས་པ་རེད།
གཞས་དེ་ཁོང་ལ་བསྟོད་པའི་གླུ་དེ་ཡིན།
ལའ་ཞུས་པའི་སྐྱིད་པའི་ནོར་བཟང་ལགས།
བདག་ལ་གསན་དང་།
མེས་པོ་དག་གིས་གཞས་གཅིག་བཏང་བས།
ལྷ་ཀླུ་གཞིས་བདག་མཉེས་སོང་།
སྐྱིད་པའི་ནོར་བཟང་ལགས།
ལའ་ཞུས་པའི་སྐྱིད་པའི་ནོར་བཟང་ལགས།
བདག་ལ་གསན་དང་།
རི་བོ་དེ་ནི་ས་རྡོ་ཡིན་ཡང་།
དབུ་ཡིས་ལྕོག་ལྕོག་གནང་གིས།
སྐྱིད་པའི་ནོར་བཟང་ལགས།
ངས་ཡུན་རིང་ཉན་ནས་བསྡད་ཡོད།
རོལ་དབྱངས་ནི་རོལ་དབྱངས་རང་རེད།
གཡོ་ཟོལ་གྱིས་གྲུབ་ཅིང་གཡོ་ཟོལ་གྱིས་དཀྲོལ་བ་དེ་དག
བདག་ཅག་དང་ཁ་ཐག་རིང་བའི་ལོངས་སྤྱོད་དག་རེད།
སྐད་ཆ་དག་ཀྱང་སྐད་ཆ་རང་རེད།
ཁ་སང་བཤད་ལ་དེ་རིང་ཡང་འཆད་ཀྱིན་པ་དེ་དག
རྙིང་རྒྱུ་མེད་པའི་རྒྱན་ཆ་ཞིག་རེད།
ཕྱིན་ཆད་ཁྱེད་ཀྱིས་དཀྲོལ་བ་ངས་ཀྱང་དཀྲོལ་ངེས་ལགས།
ཁྱེད་ཀྱིས་བཤད་པ་ངས་ཀྱང་འཆད་ངེས།
དེ་བས་ན་ཁྱེད་ནི་བདག་གི་སྟོབས་ཤུགས་དེ་ཡིན་ནོ།
མདང་དགོང་མཚན་མོའི་རྨི་ལམ་ལ།
ང་ཡི་གྲོགས་པོ་རྨིས་བྱུང་།
འཇའ་ཚོན་དོན་སོང་།
ཉི་མ་ཤར་སོང་།
བྱ་བྱིའུ་སྙན་སྒྲ་སྒྲོག་སོང་།
སེམས་སྐྱིད་པའི་གླུ་གཞས་སུའི་ཆེད་དུ་བཏང་།
ང་ཡི་བརྩེ་བའི་གྲོགས་པོར་ཕུལ།
མི་ཚེ་ཡི་སྙིང་པོ་དེའི་སྟེང་དུ་ཡོད་པས།
ཁྱེད་རྣམས་ལ་ཐུགས་ཆེ་ཞུ།
སེམས་སྐྱིད་པའི་གླུ་གཞས་སུའི་ཆེད་དུ་བཏང་།
ང་ཡི་བརྩེ་བའི་རོགས་པར་ཕུལ།
མི་ཚེ་ཡི་སྙིང་པོ་དེའི་སྟེང་དུ་ཡོད་པས།
ཁྱེད་རྣམས་ལ་ཐུགས་ཆེ་ཞུ།
ཁྱེད་རྣམས་ལ་ཐུགས་ཆེ་ཞུ།